Friday 2 May 2014

རྨི་ལམ་ནང་གི་མཛེས་སྡུག།།

སེམས་ལྷོད་སྐྱིད་པའི་ངལ་གསོ་བྱེད་པའི་སྐབས།།
འདིར་འདྲའི་མཛེས་ལྡན་ཁོར་ཡུག་སྣང་བ་འཆར།།
དངོས་སུམ་ཡོད་མིན་གུས་པའི་མི་ཤེས་ལ།།
མཐོང་འདོད་ཆེ་བར་རེ་སྨོན་སེམས་ནང་བཅངས།།

Tuesday 29 April 2014

སྐྱེས་མ་མ་སྐྱེས་དྲེན་སེམས།།



ཆར་སིབ་རི་རླུང་དཀྱིལ་ལ།།
སྙན་པའི་བྱིའུ་སྐད་སྒྲ།།
ཞིབ་འཇུག་ཡག་པོ་བྱེད་དུས།།
མཛེས་ལྡན་གསུངས་སྐད་རེད་འདུག།།

འདམ་གཟིང་ཁྱུ་ཕྱུག་ནང་བཞིན།།
སྟོབས་ལྡན་བུ་ཆུང་འབྲུག་རྒྱལ།།
མཛེས་ལྡན་ཁྱེད་རང་ཆེད་དུ།།
གཞན་དང་འགྲན་སྡུར་བྱེད་ཆོགས།།

གྲོགས་པོ་ཚ་ག་ཚི་གི།།
སྙན་ངག་ར་ག་རི་གི།།
འབྲིས་པས་སྙན་ངག་བདག་ལ།།
ཉན་དུས་གད་མོ་འཐོན་ཤོར།།

འཛིན་ཁང་ཆེན་པོ་འདི་ནང་ལ།།
མཛེས་ལྡན་རྩ་གྲང་ཞུ་བཞག།།
མཛེས་སྐད་གཅིག་ཡང་མེད་པ།།
ལྐུག་པ་བསམ་ནས་ཞེད་བྱུང་།།

དབང་ཐང་ཅན་གྱི་ས་མཐའ་རྒྱལ་པོ།།
ས་ཡོམ་ངར་མེད་ཀླག་ཀླག་གཏང་རོག།།
མཛེས་ལྡན་ང་གཉིས་བརྩེ་ཆེས་མེད་ལ།།
བརྩེ་བ་ཆེས་བཞིན་འཐམ་པར་འགྱུར་སོང་།།

སེམས་པས་ཕྱི་ལ་འཁྱེར་སྐབས།།
ལུས་ལ་ཆར་སིབ་བཏང་བྱུང་།།
སྙིང་སྡུག་མོ་རང་དྲན་ནས།།
སེམས་པ་སྐྱོ་ལྷང་བྱེད་སོང་།།

ད་བར་བརྩེ་དུང་ཁྱེད་ལ་ཕུལ།།
ད་དུང་མགོ་འཁོར་ཐོང་འདོད་མེད།།
ཕ་མའི་གནང་པའི་བྱམས་བརྩེ་བཀའ།།
དོན་མེད་འཕྲོག་བརླག་གཏང་འདོད་མེད།།

བརྩེ་དུང་བཏུམ་པའི་སྙིང་འདི།།
གྲོགས་པོ་ཁྱེད་ལ་ཕུལ་ཆོགས།།
བསམ་དོན་ཚང་མ་བསྒྲུབ་ནས།།
བྱམས་སྐྱོང་ལེགས་པོ་གནང་རོག།།

ཁྱེད་ལ་བརྩེ་ཆེས་ཡོད་ཀྱང་།།
སྟོན་པའི་གོ་སྐབས་མ་བྱུང་།།
ཨ་མ་ཁྱེད་ཀྱི་བརྩེ་བ།།
ཡིད་དང་བྲལ་ཐབས་མི་འདུག།།

སྡུག་བསྔལ་དཔག་ཏུ་མྱོང་བས།།
ཕ་མ་སྙིང་དུ་བཞག་ཡོད།།
བཀའ་དང་བསམ་དོན་སྒྲུབ་ནས།།
དྲིན་ལན་མཇལ་པར་བྱེད་ཆོགས།།

འཁོར་བ་ཆེན་པོ་འདི་ན།།
མཛེས་མ་མང་པོ་མཐོང་བྱུང་།།
ཨ་མ་ཁྱེད་ལས་མཛེས་པ།།
གཅིག་ཡང་མཐོང་རྒྱུ་མི་འདུག།།
གསུངས་སྦྱོན་མང་པོ་གོ་བྱུང་།།
ཨ་མ་ཁྱེད་ལས་སྙན་པ།།
གཅིག་ཡང་གོ་རྒྱུ་མི་འདུག།།

ཚ་བའི་ཉི་མ་འོད་འདི་འཆར།།
གྲང་བའི་འདར་ཟི་རླུང་འདི་རྒྱབ།།
བཏུམ་པའི་རྒྱོན་ཆས་ཡོད་པ་ནི།།
ཕ་མ་ཁྱེད་གཉིས་བཀའ་དྲིན་བསམ།།

རྣམ་པ་བུ་ངས་མི་ལྟ།།
རྒྱོན་ཆས་བུ་ངས་མི་ལྟ།།
རྒྱུ་ནོར་བུ་ངས་མི་ལྟ།།
སེམས་པ་ངས་ཀྱི་ལྟ་ཡོད།།

དུས་འཛོམས་ཞིག་ན།།

ཚོགས་ཁང་ཟུར་ཁའི་ན་སྡོད་པའི་སྐབས།།
སློབ་མ་རང་སོར་ཐོག་འཁོར་བཞིན་འདུག།།
བདག་ཉིད་ཉམ་ཆུང་ཅིང་བློ་སེམས་འོག།།
ཨ་མ་སྙིང་ཁུང་ན་འཆིམ་འཆིམ་ལྷུངས།།

བྷུན་ཏར་ཚོགས་ཁང་ཆུང་ཆུང་ན།།
འཛངས་མ་གཅིག་མཛེས་གཉིས་མཛེས་ཕེབས།།
འཛངས་མའི་ནང་ནས་འཛངས་མ་ཁོང་།།
ཉམ་ཆུང་ཞུགས་ཀྱང་འོད་མདངས་ཆེ།།

སྙན་པའི་རོས་དབྱངས་གསན་ཞིང་འདུག།།
སྐྱིད་ཚོར་ལུས་ནས་མཐོན་བཞིན་འདུག།།
ཁ་པར་བདག་པོས་སྙན་དབྱངས་གཏོར།།
སེམས་སྐྱིད་རང་བཞིན་འདོར་བར་འགྱུར།།

སེམས་སྐྱོ་བའི་ནད་འགོས་ཁྱེད་ལ་འཕོག།།
ནད་དྲག་པས་གསོ་སྨན་ལེགས་ཞེས་རྗེས།།
དུས་བཟང་བའི་སྔོན་རྗེས་མཐོ་སློབ་ན།།
ཞལ་འཛུམ་ངང་མཇལ་བར་བཀྲ་ཤིས་སྐྱིད།།

Tuesday 15 April 2014

སྐྱིད་སྡུག་འདྲེས་མ།།

སྐྱིད་པའི་ཕྲད་ས་འདི་བྷུན་ཏར་ཡིན།།
སྡུག་པའི་བྲལ་ས་ཀྱང་བྷུན་ཏར་ཡིན།།
བཤད་པའི་སྐྱིད་ལྷང་འདི་བློ་སེམས་ཡིན།།
ཚོར་བའི་སྐྱོ་གླུ་ཀྱང་བློ་སེམས་ཡིན།།

བཅོ་ལྔའི་ཟླ་བཞིན་དཀར་བའི་ཨ་མས་ཞལ།།
འོད་མདངས་འཇའ་བཞིན་མཛེས་པའི་ཨ་མས་ཐུགས།།
ཁུ་བྱུག་སྐད་བཞིན་སྙན་པའི་ཨ་མས་གསུངས།།
སྐུ་གསུངས་ཐུགས་ལྡན་གནས་པའི་སྨོན་ལམ་ཞུགས།།

དངས་གཙང་བོད་བདག་བོད་མི་ཡིན།།
གདོང་དམར་རྣམས་ཀྱང་བོད་མི་ཡིན།།
བདུད་སྐྱེས་དམར་ཤོག་རྒྱ་མི་ཡིན།།
དམྱལ་ཡོད་པ་ཡང་རྒྱ་མི་ཡིན།།

ལུས་ཤ་གཙང་བའི་བུ་མོ་ཚེ་སྒྲོལ་ལགས།།
སྤྱན་ནི་མཛེས་ལ་ཚང་མའི་སྣ་བ་འཕྲོག།།
ཞལ་འཛུམ་ལྡན་པའི་སྙིང་ཁུང་ན་ཟུག་བཏང་།།
བུ་ཆུང་སྣ་བ་ཁྱེད་ལ་ལྡེམ་ལྡེམ་ཆགས།།

འཆིམ་འཆིམ་ཤར་བའི་འོད་མདངས་དང་།།
ཤག་ཤག་རྒྱུགས་པའི་རྒྱུག་ཆུ་གཉིས།།
བྷུན་ཏར་རྫོངས་ཀྱི་མཛེས་སྡུག་ལ།།
མཚན་མོ་སྐྱིད་པའི་རྒྱན་ཆ་ཡིན།།

རྩེད་ཐང་དཀྱིལ་ལ་རྩེད་མོ་རྩེ་བཞིན་སྐབས།།
དམངས་ནས་བུ་ཆུང་རྩེད་རྩལ་ལེགས་པར་འཛིན།།
ཡིན་ཡང་སྡིག་གྲོགས་འགྲན་སེམས་ཆེ་བའི་འོང་།།
པོ་ལོར་མ་གཞུ་བུ་ཆུང་རྐང་རུས་གཞུ།།

ཉམ་ཆུང་བསྡད་པའི་བུ་ཆུང་འབྲུག་རྒྱལ་ང་།།
ཉིན་ལྟར་རང་སྤྱོད་དོན་དུ་བསམ་བློ་གཏོང་།།
གཞན་དང་མཐུན་པའི་སྤྱོད་འཇམ་བླང་ན་ཡང་།།
བདག་ལ་སྣང་འབྱུང་བྱས་པའི་ངན་དང་ཕྲད།།




Saturday 12 April 2014

དྲན་འོད།།

བྷུན་ཏར་ལྡུམ་རེའི་ནང་དུ།།
རྒྱ་སེ་མེ་ཏོག་མཐོང་བྱུང་།།
སྙིང་རོགས་ཁྱེད་ཀྱི་གདོང་དམར།།
ཡིད་ལ་འཆིམ་འཆིམ་ཤར་བྱུང་།།

ཁྱེད་དང་བྲལ་ནས་ལོ་བཞི་ཁོ་ནར་སོང་།།
ད་དུང་ཁྱེད་ཀྱི་དྲན་ལྡན་ཡིད་ལ་ལྡེམ།།
དགའ་རོགས་དང་པོའི་བརྩེ་གདུང་བྲལ་མེད་བས།།
གྲོགས་པོས་བདག་ལ་གསུངས་པས་ཚོར་སྣང་བྱུང་།།

ལུས་གཟུགས་འདར་བའི་སེམས་ཀྱི་ན་ཚ་འདི།།
ཨེམ་རྗེ་བསྟོན་ཡང་ནད་དྲག་ཁག་པོར་ཆགས།།
ཁྱེད་ཀྱི་འཛུམ་མདངས་ཞལ་མཛེས་མཐོང་ན་ཡང་།།
ན་ཟུག་རང་བཞིན་འདོར་བའི་ཚོར་བ་བྱུང་།།

ཁྱེད་ནི་ཤར་ཕྱོགས་གངས་ལྗོངས་ནས་ཕེབས།།
ང་ནི་ལྷོ་ཕྱོགས་སྤངས་ལྗོངས་ནས་འོང་།།
སྐྱིད་པའི་བྷུན་ཏར་རྒྱུས་མེད་དུ་འཛོམས།།
བསོད་ནམས་ཆེ་བའི་དགའ་ཚོར་ཡང་སྐྱེ།།

བསིལ་སྦྱོང་བྷུན་ཏར་ཡུལ་དུ།།
བྱིའུ་སྐྱིད་བཞིན་འཕུར་བྱུང་།།
ཁོང་མོར་མཇལ་བའི་དུས་བཟང་།།
བཀྲ་ཤིས་སྨོན་མདུན་ཞུས་བྱུང་།།

འོད་མདངས་ཆེ་བའི་འཛངས་མ།།
སེམས་པའི་རང་དབང་འཕྲོག་བྱུང་།།
ཞལ་གྱི་འོད་མདངས་ཞུས་མེད།།
སེམས་ཀྱི་འོད་མདངས་ཞུས་ཡིན།།